Property:BioTib

From Tsadra Commons
Jump to navigation Jump to search
Showing 3 pages using this property.
T
ཁམས་གོ་འཇོ་ཨ་ལོ་གྲོང་དུ་འཁྲུངས་ཤིང་། ཆུང་ངུའི་དུས་ནས་རབ་ཏུ་བྱུང་སྟེ་རྒོད་མགོ་དགོན་དུ་འདོན་ཆོག་སོགས་ལ་སྦྱང་བརྩོན་གནང་། སྤྱི་ལོ་ ༢༠༠༤ ་ལོར་བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་ལྷོ་ཕྱོགས་སུ་འབྱོར་ཏེ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་སུམ་རྟགས་དག་གསུམ་སོགས་ལ་འབད་འབུངས་མཛད། སྤྱི་ལོ་ ༢༠༠༥ ་ནས་སྔ་འགྱུར་མཐོ་སློབ་ཆེན་མོར་འཛུལ་ཞུགས་གནང་སྟེ་ཐེག་པ་རིམ་འཛེགས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པར་སྦྱང་བརྩོན་ལྷོད་མེད་ཀྱི་འཛིམ་རིམ་བརྒྱད་པ་ནས་སྐྱོར་དཔོན་དང་དབྱར་བདག་སོགས་ཀྱི་ལས་འགན་ཞུས་ཤིང་སྤྱི་ལོ་ ༢༠༡༥ ་ལོར་སློབ་མཐར་སོན། དེ་ནས་ཕྱི་ལོ་ ༢༠༢༢ ་བར་ལོ་ངོ་ཧྲིལ་པོ་བརྒྱད་ཀྱི་རིང་མཐོ་སློབ་ཆེན་མོར་དགེ་རྒན་གྱི་ལས་འཁུར་བཞེས་ཏེ་གཞུང་ཆེན་ཁག་དཔེ་ཁྲིད་ཀྱིས་ཞབས་ཞུ་སྒྲུབ་བཞིན་མཐོ་སློབ་ཆེན་མོའི་རྒྱུན་ལས་ནང་དངུལ་གཉེར་རྒན་གཞོན་གྱི་ལས་འགན་ལོ་གཉིས་བསྣམས། ཕྱི་ལོ་ ༢༠༢༣ ་ལོར་ཤར་རྒྱལ་བ་དཔལ་ཡུལ་བའི་བསྟན་པའི་མངའ་བདག་ ༧ སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་ནས་མཁན་ཐོག་བརྒྱད་པ་མངའ་གསོལ་མཛད་སྒོའི་སྐབས་མཁན་པོའི་མཚན་གནས་བཞེས་ཐོག རྣམ་གླིང་བཙུན་དགོན་གྱི་བཤད་གྲྭར་དཔེ་ཁྲིད་གནང་བཞིན་པ་ལགས།།  +
འབྲུག་བུམ་ཐང་དུ་ཨུ་རའི་ཡུལ་དུ་འཁྲུངས་ཤིང་། ཆུང་དུས་ཝང་ཐང་དགོན་པའི་སྒོམ་སྡེ་ལ་ཞུགས་ཏེ་བཀའ་རྙིང་གི་ཆོག་འཕྲིན་སྐོར་སྦྱང་། བླ་མ་རྒྱལ་དབང་ཉི་མ་ལས་བརྡ་སྤྲོད་དང་སློབ་དཔོན་ནོར་བུ་དབང་ཕྱུག་ལས་རྩིས་གཞུང་ཞུས། སྤྱི་ལོ་ ༡༩༩༦ ལ་སྔ་འགྱུར་མཐོ་སློབ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་བཤད་གྲྭ་མཐར་སོན་ཅིང་ སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ། ཡ་ཆེན་མཁན་པོ་ཨ་ཁྱུག དཔལ་ཡུལ་མཆོག་སྤྲུལ་ཐུབ་བཟང་སོགས་ནས་རྫོགས་ཆེན་གྱི་ཉམས་ཁྲིད་ཞུས་ཤིང་། སྤྱི་ལོ་ ༡༩༨༨ ་ལ་ཚངས་ཁ་རྩིས་གཞུང་སློབ་གྲྭའི་དགེ་རྒན་གནང་ཞིང་། སྤྱི་ལོ་ ༡༩༩༧ ལ་ ༧ སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བཀའ་བཞིན། བྷིར་དཔལ་ཡུལ་ཆོས་འཁོར་གླིང་། དེ་ནས་རིམ་པར་ཁམས་དཔལ་ཡུལ་བཤད་གྲྭ་དང་། རྣམ་གྲོལ་གླིང་སྔ་འགྱུར་མཐོ་སློབ་ཆེན་པོའི་བཤད་གྲྭའི་ཚོགས་གཙོ་མཁན་པོའི་ལས་འགན་བསྣམས་ཤིང་། དེ་རྗེས་འབྲུག་ཡུལ་དུ་ ཁྲོམ་ཚོགས་དང་བརྙན་འཕྲིན་ཐོག་ཆོས་བཤད་དང་། དེ་བཞིན་སྔོན་འགྲོ། འཁྲུལ་འཁོར། བདེ་ཆེན་ཞིང་སྒྲུབ། སྒྲུབ་མཆོད་སོགས་ཆོས་ཐུན་གྲངས་མང་བཙུགས་ཤིང་། ལོ་གསུམ་རི་ཁྲོད་ཉུལ་བའི་རྗེས་སུ་ད་ལྟ་ཀློང་ཆེན་པའི་གདན་ས་འབྲུག་ཐར་པ་གླིང་གི་བསྟན་བདག་བླ་མའི་མཚན་གནས་བཞེས་ཏེ་བཞུགས། རྩོམ་གཞུང་ལ་ ཤེར་ཕྱིན་འགྲེལ་པ། དབུ་མ་འཇུག་འགྲེལ། དུས་གསུམ་རྣམ་བཞག བློ་རིག་དང་ འོད་ཆོག་སོགས་ཡོད།།  +
བོད་མདོ་ཁམས་གསེར་རྟ་རུ་སྤྱི་ལོ་ ༡༩༨༤ ་ལ་འཁྲུངས། དགུང་ལོ་ ༩ ་ལ་བོད་ཡིག་སློབ་འགོ་ཚུགས། བཅོ་ལྔ་ཡས་མས་ནས་འཇམ་དབྱངས་གླིང་ཞེས་རིག་གནས་སྦྱོང་ས་ཞིག་ལ་ཆེད་ཞུགས་ཀྱིས་ལོ་ངོ་གསུམ་ཙམ་བཞུགས། སྤྱི་ལོ་ ༢༠༠༥ ་ལོར་ ༸ གོང་ས་མཆོག་དང་གྲུབ་དབང་པད་ནོར་རིན་པོའི་ཆེའི་ཞལ་མཇལ་ཏེ། ༢༠༠༦ ་ལ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་གླིང་ལ་འཛུལ་ཞུགས་ཀྱིས་ ༢༠༡༥ ་ལ་སློབ་མཐར་ཕྱིན། ༢༠༡༥ ནས་ ༢༠༡༩ ་བར་སྔ་འགྱུར་མཐོ་སློབ་ཆེན་མོ་དང་། སེར་སྨད་ཐོས་བསམ་སློབ་གྲྭ། གཞི་ཆེན་བཻ་རོ་གླིང་བཅས་ལ་ལོ་ངོ་ལྔའི་རིང་དགེ་རྒན་གནང་། ༢༠༢༠ ་ལོར་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་ལ་འཛུལ་ཞུགས་ཀྱིས་ད་ལྟའི་ཆར་ཐུན་མོང་གི་བརྗོད་གཞི་ “སྡོམ་པ་ཉི་ཤུ་པ་” རྩ་འགྲེལ་གཉིས་དང་། སྒེར་གྱི་བརྗོད་གཞི་ “གསང་སྔགས་བཀའི་ཐ་རམ་” བཅས་ཀྱི་ཐོག་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་པ་དང་། ༢༠༢༣ ་སྤྱི་ཟླ་ ༤ ་པའི་ནང་རྒྱལ་བ་དཔལ་ཡུལ་བའི་བསྟན་བདག་གདན་རབས་བཅུ་གཉིས་པ་༸ སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེའི་མདུན་མཁན་པོའི་མཚན་གནས་ཐོབ། “གཞོན་པའི་ལང་ཚོ་” ཞེས་པའི་སྙན་དེབ་གཅིག་དང་། དུས་དེབ་དང་དྲྭ་ལམ་འདྲ་མིན་བརྒྱུད་སྙན་རྩོམ་དང་། དཔྱད་རྩོམ། འབོལ་རྩོམ་སོགས་རྩོམ་ཡིག་ཁག་མ་འདྲ་བ་དུ་མ་ཞིག་སྤེལ་མྱོང་།།  +