You do not have permission to edit this page, for the following reason:
The action you have requested is limited to users in the group: Users.
No Markup
See page ###: FIRST FEW MEANINGFUL SENTENCES...
Markup OK
<br>
Source:
དལ་བ་བརྒྱད་དང་འབྱོར་པ་བཅུའི་བསྡུས་མིང་། དལ་འབྱོར་རྙེད་དཀའ། དལ་འབྱོར་དོན་ཆེན།
སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་ཚུལ་ལ། སྤྱིར་མི་ལུས་ཐོབ་པར་དཀའ་ཞིང་། ལྷག་པར་དུ་དལ་འབྱོར་ཚང་བའི་མི་ལུས་ཐུབ་པ་ནི་ཧ་ཅང་གིས་དཀར་བ་ཡིན་ཏེ་དལ་འབྱོར་ཚང་བའི་མི་ལུས་ཞེས་པ་ནི་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་དགོས་ལ། མི་ལུས་ཐོབ་པའི་ནང་ནས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཡོངས་རྫོགས་ཚང་བ་ལྟ་ཞོག། བཅོ་བརྒྱད་ཀྱི་ནང་ནས་སྣ་གཉིས་གསུམ་འཛོམས་པ་ཡང་ཧ་ཅང་དཀར་བ་ཡིན། དལ་འབྱོར་གྱི་ཆོས་བཅོ་བརྒྱད་ནི་དལ་བརྒྱད་དང་འབྱོར་པ་བཅུ་སྟེ་བཅོ་བརྒྱད་ཚང་བ་ལ་ཟེར་ཞིང་། དལ་བ་བརྒྱད་ནི། ༡༡ དུད་འགྲོར་མ་སྐྱེས་པ། ༢ མི་དྭགས་སུ་མ་སྐྱེས་པ། ༣ དམྱལ་བར་མ་སྐྱེས་པ། ༤ སངས་རྒྱས་བསྟན་པ་མ་ནར་བའི་ཡུལ་དུ་མ་སྐྱེས་པ། ༥ མཐའ་འཁོབ་གྱི་ཀླ་ཀློར་མ་སྐྱེས་པ། ༦ ལོག་ལྟ་ཅན་དུ་མ་སྐྱེས་པ། ༧ གླེན་ལྐུགས་སུ་མ་སྐྱེས་པ། ༨ ལྷ་ཚེ་རིང་པོར་མ་སྐྱེས་པ་བཅས་བརྒྱད་ཡིན། འབྱོར་པ་བཅུ་ནི། ༡ མི་ཡིན་པ། ༢ སངས་རྒྱས་ཀྱི་བསྟན་པ་དར་བའི་ཡུལ་དུ་སྐྱེས་པ། དབང་པོ་ཚང་བ། ༤ ཕ་མ་བསད་པ་སོགས་མཚམས་(༡༡) མེད་ཀྱི་ལས་མ་བྱས་པ་༥ སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཡོད་པ་བཅས་ལྔ་ནི་ཆོས་བྱེད་མཁན་སོ་སོ་རང་ཉིད་ལ་ཚང་དགོན་པའི་ཆ་རྐྱེན་ཡིན་པས་ན་རང་འབྱོར་ཟེར་༦ སངས་རྒྱས་འཇིག་རྟེན་དུ་ན་པ་༧ དེས་ཆོས་གསུངས་པ་༨ བསྟན་པ་འཇིག་རྟེན་དུ་གནས་པ་༩ བསྟན་པ་ལ་ཞུགས་ནས་ཐོས་བསམ་སྒོམ་གསུམ་བྱེད་མཁན་ཡོད་པ་༡༠ ཆོས་བྱེད་མཁན་ལ་མཐུན་རྐྱེན་སྦྱོར་མཁན་ཡོད་པ་བཅས་ལྔ་ནི་གཞན་ངོས་ནས་ཚང་དགོས་པའི་ཆེ་རྐྱེན་ཡིན་པས་ན་གནས་འབྱོར་ལྔ་ཟེར་ཞིབ་ཕྲ་(བཀའ་གདམས་ཀྱི་ལམ་རིམ་)དང་རྗེ་ཙོང་ཁ་པའི་(ལམ་རིམ་ཆེ་ཆུང་)སོགས་གྲུབ་མཐའ་རིས་མེད་ཀྱི་དམ་པ་ཚོས་མཛད་པའི་ལམ་འཁྲིད་རྣམས་ལ་གཟིགས་
Save page Save and continue Show changes